On 1/10/2014 Dasho Pema Chewang, Secretary of NLCS signed a Memorandum of Understanding (MoU) with Professor Koert Sijmons of Geomapa, a company based in the Netherlands for developing the first atlas of Bhutan. The Atlas is planned to be published early next year.

འབྲུག་མངའ་བདག་རྒྱལ་པོ།
“མ་འོངས་རྒྱལ་ཁབ་ནང་ གལ་གནད་ཅན་གྱི་ཡིད་ཆེས་དང་བརྩེ་འཛིན་དེ་ མི་སེར་ཚུ་ལུ་དོན་སྨིན་ཅན་དང་ཉེན་སྲུང་ཅན་གྱི་ས་ཆའི་བདག་དབང་ཅིག་ ཡོད་པ་ཅིན་རྐྱངམ་ཅིག་བསྐྱེད་འོང་ ” འབྲུག་མངའ་བདག་རྒྱལ་པོ། སྤྱི་ལོ་ ༢༠༠༧ ཟླ་ ༩ པའི་ཚེས་ ༢༤ ལུ།

རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ།
སྤྱི་ལོ་ ༢༠༠༧ ཟླ་ ༩ པའི་ཚེས་ ༢༤ གི་དྲོ་པ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ རྒྱལ་ཁབ་མཐའ་དབུས་མེད་པར་ ཀེཌིསི་ཊཱོལ་ཐོག་ས་ཆ་བསྐྱར་འཇལ་ལས་རིམ་འགོ་འདྲེན་འཐབ་དགོ་པའི ་བཀའ་རྒྱ་ཟབ་མོ་ཕེབས་ཡོདཔ་ཨིན།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་རྒྱའི་ནང “ ས་ཆའི་འབྲེལ་གནད་ཚུ་ཚར་ཅིག་ག་ར་སེལ་དགོཔ་ད་ ང་བཅས་ཚུ་གིས་ དེ་ཚུ་ག་ར་ད་ལྟོ་ལས་རང་ ལེགས་ཤོམ་སྦེ་སེལ་ཐབས་མ་འབད་བ་ཅིན་ ཧེ་མ་བཟུམ་སྦེ་རང་ ང་བཅས་རའི་གནས་བཞིན་ཡོད་པའི་ལམ་ལུགས་དེ་ཚུ་ལུ་ སྒྱུར་བཅོས་དུམ་གྲ་ཅིག་ལས་བརྒལ་ འབད་མི་ཚུགས་ནི་ཨིནམ་ལས་ དེ་གིས་མ་འོངས་བུ་བརྒྱུད་ཚུ་གི་མི་ཚེ་ནང་འབད་རུང་ ད་ལྟོ་ང་བཅས་ཚུ་བཟུམ་སྦེ་ར་ དཀའ་ངལ་སྦོམ་ཤོས་ཅིག་ར་སེལ་མ་ཚུགས་པར་ལུས་འོང་ ”
བཀའ་རྒྱ་དེ་དང་འཁྲིལ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཡིག་ཚང་གིས་ སྤྱི་ལོ་ ༢༠༠༨ ཟླ་ ༧ པ་ལས་ སྤྱི་ལོ་ ༢༠༡༣ ཟླ་ ༡༢ པ་ཚུན་ གཤམ་གསལ་དམིགས་དོན་དང་བཅས་ རྒྱལ་ཡོངས་ཀེཌིསི་ཊཱོལ་ཐོག་ ས་ཆ་བསྐྱར་འཇལ་གྱི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན།
ས་ཆའི་འབྲེལ་གནད་ག་ར་སེལ་ནི།
ས་ཆའི་གནས་ཡུན་ལམ་ལུགས་རྩ་བརྟན་བཟོ་ནི་དང་ ས་ཆའི་བདག་དབང་ཉེན་སྲུང་འབད་ནི།
བློ་གཏད་ཅན་དང་ངེས་ཏིག་གི་ ས་ཆའི་བརྡ་དོན་སྣ་ཚོགས་ཀྱི་རིམ་ལུགས་ཅིག་བཟོ་ནི།
ས་ཆའི་བདག་སྐྱོང་ཞབས་ཏོག་དང་ གཞུང་སྐྱོང་ལེགས་ལྡན་ཡར་དྲག་གཏང་ནི།
More Information

རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ཐེངས་ ༢ པ།
དམིགས་དོན་གཙོ་བོ།
རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་སྐབས་ ནགས་ཚལ་གྱིས་ཁྱབ་སྟེ་ཡོདཔ་ལས་ ས་འཇལ་མ་ཚུགས་པར་ལུས་མི་ཚུ་འཇལ་ནི།
རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་སྐབས་ མ་འཇལ་བར་ལུས་མི ས་ཐེབས་བཏོག་མི་དང་ ལྷག་ལུས་ཀྱི་ལས་སྣ་ཚུ་ འཇལ་ནི།
བཀའ་ཤོག་ཐོག་ལས་གནང་མི་ ས་ཆ་ལྷག་ཆད་ཚུ་སྙོམས་སྒྲིག་བཟོ་ནི།
ས་འཇལ་བར་མ་ལྷོད་མི/བསྣར་བཞག་ལུས་མི/འཛགས་ལུས་བཞུགས་མི/ཉོག་འཛིན་འཐོན་མི་ཚུ་སེལ་ནི།
ཁྲམ་དང་ སབ་ཁྲའི་ནང་ནོར་བཅོས་འབད་དགོཔ་རེ་ཡོད་པ་ཅིན་འབད་ནི།
ས་འཇལ་གྱི་ལཱ་དེ་ཡང་ རྒྱལ་གཞུང་བསྟན་སྲུང་དམག་སྡེ་དང་གཅིག་ཁར་མཉམ་འབྲེལ་ཐོག་ལས་འགོ་འདྲེན་འཐབ་ཨིན།
More Information