རྒྱབ་ཁུངས།
གྲོང་གསེབ་ས་ཆ་སྡེ་ཚན་འདི་གིས་ གྲོང་གསེབ་ཀྱི་ས་ཆ་དང་འབྲེལ་བའི་ ས་ཆ་བདག་སྐྱོང་དང་འཛིན་སྐྱོང་གི་ཞབས་ཏོག་ཚུ་ཕུལཝ་ཨིནམ་ད་ སྡེ་ཚན་འདི་ ལྷན་ཚོགས་ཀྱི་འོག་ལུ་ སྡེ་ཚན་རྙིངམ་ཅིག་ཨིནམ་ད་ སྤྱི་ལོ་ ༡༩༦༠ རེ་གྲངས་ཙམ་ལུ་ བཟོ་བསྒྲིགས་འབད་ཡོདཔ་ཨིན། དེ་བསྒང་གི་ ས་འཇལ་སྤྱི་ཁྱབ་འོག་ལུ་མ་བཙུགས་པའི་ཧེ་མ་ གྲོང་གསེབ་ས་ཆ་སྡེ་ཚན་འདི་ དངུལ་རྩིས་ལྷན་ཁག་གི་འོག་ལུ་སྡོད་ཡོདཔ་ཨིན། སྡེ་ཚན་འདི་གིས་ ཕྱག་བཞག་ས་ཁྲམ་དང་ ས་ཆ་སྤྲོད་ལེན་དང་འབྲེལ་བའི་ཡིག་ཆ་ གལ་ཅན་ཚུ་ག་ར་རྒྱུན་སྐྱོང་འཐབ་ཨིན།
གྲོངས་གསེབ་ས་ཁྲམ་སྡེ་ཚན་གྱི་ འགན་དབང་དང་ལཱ་འགན།
འགན་དབང་།
- ས་ཆ་བདག་སྐྱོང་འཐབ་ནི།
- ས་ཆ་འཛིན་སྐྱོང་འཐབ་ནི།
- ཕྱག་བཞག་ས་ཁྲམ་ཚུ་རྒྱུན་སྐྱོང་འཐབ་ནི།
ལཱ་འགན།
- ས་ཁྲམ་སྤོ་སོར་འབད་ནི།
- ཕྱག་བཞག་ས་ཁྲམ་ཚུ་དུས་མཐུན་བཟོ་ནི་དང་རྒྱུན་སྐྱོང་འཐབ་ནི།
- སྒེར་གྱི་ས་ཆ་ གཞུང་མཁོར་བཞེས་ནིའི་ བྱ་རིམ་འཐབ་ནི།
- ལྷན་ཚོགས་དང་ཉོགས་སེལ་ཚོགས་ཆུང་གིས་བཏོན་མི་ གྲོས་ཆོད་ཚུ་ལག་ལེན་འཐབ་ནི།
- རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ལྷོད་པའི་ བཀོད་ཁྱབ་ཚུ་དང་ལེན་འབད་ནི།
ཐོན་འབྲས་དང་ཞབས་ཏོག་གཙོ་ཅན།
ཐོན་འབྲས།
- ཕྱག་བཞག་ས་ཁྲམ་གྱི་རིམ་བྱུང༌།
- ལག་ཁྲམ།
- རྫོང་ཁག་ས་ཁྲམ་ དྲུང་ཁག་ས་ཁྲམ་ དང་རྒེད་འོག་ས་ཁྲམ།
- དགོས་དོན་སྣ་ཚོགས་ཀྱི་དོན་ལུ་ས་ཆ་བདག་དབང་གི་བདེན་ཁུངས་སྤྲོད་ནི།
- ཁྲམ་གྱི་གནས་སྡུད་གཞི་མཛོད།
ཞབས་ཏོག
- ས་ཁྲམ་སྤོ་སོར་/ས་ཆ་སྤྲོད་ལེན།
- ཕྱག་བཞག་ས་ཁྲམ་ འཛིན་སྐྱོང༌འཐབ་ནི།
- གཞུང་གི་ལས་སྡེ་དང་ ཆོས་སྡེ་གཙུག་སྡེ་ཚུ་ལུ་ ས་ཆ་སྤྲོད་ནིའི་བྱ་རིམ་འཐབ་ནི།
- ཁྲམ་ནང་གི་ཐོ་བཀོད་དང་ ས་གནས་ཁའི་ཁྱད་པར་ དབྱེ་ཞིབ་འབད་ནི།
- ལྷན་ཚོགས་དང་ ས་ཆའི་ཉོགས་སེལ་ཚོགས་ཆུང་གི་ གྲོས་ཆོད་བསྟར་སྤྱོད་འབད་ནི།
- རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་བཀོད་རྒྱ་ལག་ལེན་འཐབ་ནི།
ལས་མགྲོན་པ།
ནང་འཁོད།
༡ ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན། (ཁྲམ་གྱི་ཁ་གསལ་བྱིན་ནི།)
༢ ཁྲིམས་དོན་སྡེ་ཚན།(ཁྲམ་གྱི་ཁ་གསལ་བྱིན་ནི།)
༣ ཁྲོམ་སྡེ་ས་ཆ་སྡེ་ཚན།
ཕྱི་ཁའི་ལས་མགྲོན་པ།
༡ རྫོང་ཁག
༢ རྒེད་འོག
༣ སོ་ནམ་དང་ནགས་ཚལ་ལྷན་ཁག
༤ ཞབས་ཏོག་ལྷན་ཁག
༥ བསྟན་རྒྱས་ལྷན་ཁག
འབྲེལ་གཏོགས་ཅན་གྱི་ལས་སྡེ་གཙོ་བོ།
༡ ཁྲིམས་ཁང་།
༢ སོ་ནམ་དང་ནགས་ཚལ་ལྷན་ཁག
༣ དངུལ་ཁང་། དངུལ་འབྲེལ་ལས་ཁང་/གཙུག་སྡེ།
༤ ནང་སྲིད་དང་སྲོལ་འཛིན་ལྷན་ཁག