རྒྱབ་ཁུངས།
ཁྲོམ་སྡེ་ས་ཆ་སྡེ་ཚན་འདི་ ཁྲོམ་སྡེའི་ས་ཁོངས་ནང་ལས་ཕར་ ས་ཆ་ཐོ་བཀོད་ཀྱི་བདག་སྐྱོང་དང་འཛིན་སྐྱོང་འཐབ་ནི་ལུ་ འབྲུག་གི་སའི་བཅའ་ཁྲིམས་སྤྱི་ལོ་ ༢༠༠༧ ཅན་མ་ བསྟར་སྤྱོད་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༠༨ ལུ་བཟོ་སྒྲིག་འབད་ཡོདཔ་ད་ འབྲུག་གི་སའི་བཅའ་ཁྲིམས་སྤྱི་ལོ་ ༢༠༠༧ ཅན་མ་དེ་ བསྟར་སྤྱོད་མ་འབད་བའིཧེ་མ་ དེ་བཟུམ་མའི་འགན་ཁུར་ཚུ་ འབྲེལ་བ་ཡོད་པའི་ཁྲོམ་སྡེ་དང་ ཞབས་ཏོག་ལྷན་ཁག་གིས་འབག་སྟེ་སྡོད་ཡོདཔ་ཨིན།
ཁྲོམ་སྡེ་རེ་རེའི་ནང་ རང་སོའི་ཁྲམ་གྱི་སྒྲིག་བཀོད་དང་ ས་ཆ་སྤྲོད་ལེན་གྱི་བྱ་རིམ་ཚུ་ མ་འདྲཝ་རེ་ཡོདཔ་ཨིན། ཁྲོམ་སྡེ་ས་ཆ་སྡེ་ཚན་ནང་ ཁྲོམ་སྡེའི་ཁྲམ་དང་ས་ཆ་སྤྲོད་ལེན་གྱི་བྱ་རིམ་ཚུ་ག་ར་ འབྲུག་གི་སའི་བཅའ་ཁྲིམས་དང་འཁྲིལ་ཏེ་ གནས་ཚད་ཅན་ཅིག་སྦེ་ཡོདཔ་ཨིན། གནས་ཚད་ཅན་གྱི་ལག་ཁྲམ་ཚུ་སྤྱི་ལོ་ ༢༠༠༩ ལས་སྤྲོད་ཡོདཔ་ཨིན།
སྡེ་ཚན་འདི་གི་ གྲུབ་འབྲས་གཙོ་བོ་ཚུ་ཡང་ ཁྲོམ་སྡེའི་བཞི་ནང་ ས་ཆའི་ཆ་ཚད་ཐོག་ ས་ཆ་བསྐྱར་འཇལ་འགོ་འདྲེན་དང་ མི་དབང་མངའ་བདག་རིན་པོ་ཆེའི་ བཀའ་རྒྱ་དང་འཁྲིལ་གཞི་བཙུགས་འབད་མི་ ཆེ་མཐོའི་གནས་ཚད་ཀྱི་ཚོགས་ཆུང་ཞལ་འཛོམས་རིམ་ཐེངས་ ༡༤ དེ་ཅིག་གི་ཐོག་ལས་ ས་ཆའི་ཉོགས་འཛིང་དང་ བསྣར་བཞག་སྦེ་ལུས་པའི་ ས་ཆའི་འབྲེལ་གནད་ མང་རབས་ཅིག་སེལ་ཚུགས་ཏེ་ཡོདཔ་ཨིན།
ཁྲོམ་སྡེ་ས་ཆ་སྡེ་ཚན་གྱི་ འགན་དབང་དང་ལཱ་འགན།
འགན་དབང་།
- ཁྲོམ་སྡེའི་ས་ཆ་ཚུ ཚུལ་མཐུན་སྦེ་ བདག་སྐྱོང་དང་འཛིན་སྐྱོང་འཐབ་ནི།
ལཱ་འགན།
- ཁྲོམ་སྡེའིས་ཁྲམ་ཚུ་འཛིན་སྐྱོང་དང་ བདག་འཛིན་འཐབ་ནི།
- སྐལཝ་བགོ་བཤའ་ ཉོ་བཙོང་ སྟོང་པར་བྱིན་པ་ བརྗེ་སོར་ལ་སོགས་པའིཐོག་ལས་ ས་ཆ་སྤྲོད་ལེན་འབད་ནི།
- ལག་ཁྲམ་སྤྲོད་ནི།
- རྒྱལ་པོའི་བཀའ་ཤོག་དང་བཀའ་རྒྱ་ཚུ་ ལག་ལེན་འཐབ་ནི།
- སྒེར་ས་གཞུང་གི་ཐུགས་འཁོར་བཞེས་ནིའི་ བྱ་རིམ་འཐབ་ནི།
- ས་ཆའི་རྒུད་འཐུས་དང་ ས་ཚབ་སྤྲོད་ནིའི་བྱ་རིམ་འཐབ་ནི།
- ས་ཆ་བཀོལ་སྤྱོད་ཀྱི་སྒྲིག་གཞི་ལག་ལེན་འཐབ་ནི།
- ས་ཆ་གཏའ་མར་བཙུགས་པའི་ཐོ་བཀོད་དང་ རྒྱབ་མིའི་འཛིན་དབང་ཚུ་རྒྱུན་སྐྱོང་འཐབ་ནི།
- ས་ཆའི་འབྲེལ་གནད་ ཐོ་བཀོད་ཁྱད་པར་དང་ཉོགས་འཛིང་ཚུ་ བདེན་དཔྱད་འབད་དེ་སེལ་ནི།
- ལྷན་ཚོགས་ལུ་ ས་ཆའི་འབྲེལ་གནད་ཀྱི་སྙན་ཞུ་ཚུ་ཕུལ་ནི།
- ས་ཆ་ལྷག་ཆད་དང་ བཀོལ་སྤྱོད་ཀྱི་རྙོགས་གཞི་ཚུ་ བདེན་དཔྱད་འབད་དེ་ སེལ་ནི།
- ཁྲིམས་ཁང་ལུ་སྙན་ཞུ་ཕུལ་ནི་དང་ འཁྲུན་ཆོད་ཚུ་ལག་ལེན་འཐབ་ནི།
འཐོན་འབྲས་གཙོ་བོ་དང་ཞབས་ཏོག
འཐོན་འབྲས།
- ཁྲོམ་སྡེའི་ས་ཁྲམ།
- ལག་ཁྲམ།
- སྐྱོད་ཐམ་བཟོ་ནིའི་དོན་ལུ་ ས་ཆའི་བདག་བཟུང་གི་བདེན་ཁུངས་སྤྲོད་ནི།
ཞབས་ཏོག
- ས་ཆ་སྤྲོད་ལེན།
- ཁྲོམ་སྡེའི་ས་ཆ་འཛིན་སྐྱོང་།
- རྒྱལ་ཡོངས་ཀྱི་མཐའ་དོན་ལུ་ སྒེར་ས་གཞུང་གི་ཐུགས་འཁོར་བཞེས་ཐབས་ཀྱི་བྱ་རིམ་འཐབ་ནི།
- གཞུང་གི་ལས་སྡེ་དང་ ཆོས་སྡེ་ཚུ་ལུ་ ས་ཆ་སྤྲོད་ནིའི་བྱ་རིམ་འཐབ་ནི།
- ཁྱད་པར་བཞུགས་མི་ཚུ་སེལ་ཐབས་ལུ་ ས་ཁོངས་བདེན་དཔྱད་འབད་ནི།
- ལྷན་ཚོགས་དང་ ཉོགས་སེལ་ཚོགས་ཆུང་གི་གྲོས་ཆོད་ཚུ་ ཚུལ་བཞིན་ལག་ལེན་འཐབ་ནི།
- རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་གནང་མི་ བཀོད་ཁྱབ་ཚུ་དང་ལེན་འབད་ནི།
ལས་མགྲོན་པ།
ནང་འཁོད།
༡ ས་ཆའི་ཆ་ཚད་བརྡ་དོན་སྡེ་ཚན ༼ཁྲམ་གྱི་ཁ་གསལ་བྱིན་མི༽
༢ ཁྲིམས་དོན་སྡེ་ཚན ༼ཁྲམ་གྱི་ཁ་གསལ་བྱིན་མི༽
༣ གྲོང་གསེབ་ས་ཆ་སྡེ་ཚན།
༤ རྫོང་ཁག
༥ ཁྲོམ་སྡེ།
༦ ཞབས་ཏོག་ལྷན་ཁག
༧ བསྟན་རྒྱས་ལྷན་ཁག
ཕྱི་ཁའི་ལས་མགྲོན་པ།
༡ ཁྲམ་འཆང་མི་ཚུ།
འབྲེལ་གཏོགས་ཅན་གྱི་ལས་སྡེ་གཙོ་བོ།
༡ ཁྲིམས་ཁང་།
༢ རྫོང་ཁག
༣ ཁྲོམ་སྡེ།
༤ དངུལ་འབྲེལ་གཙུག་སྡེ།
༥ ནང་སྲིད་དང་སྲོལ་འཛིན་ལྷན་ཁག